གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༦༥༽ བཙན་པོའི་ཐུགས་ལ། ངས་ཆོས་ཁྲིམས་བཤིག་པ་འདི་ནོར་འཁྲུལ་རེད་སྙམ་ནས་གནོང་འགྱོད་དྲག་པོ་ཞིག་སྐྱེ་བཞིན་པའི་སྐབས་སུ། གློ་བུར་དུ་མི་ནག་རྟ་ནག་ཅན་ཞིག་སླེབས་པ་གཟིགས།
༦༦༽ ཁྲི་དར་མས། ཁོང་མདང་ནུབ་ངའི་རྨི་ལམ་ནང་གི་མགོན་པོ་ནག་པོ་ཟེར་བ་དེ་འདི་མིན་ནམ་སྙམ་བཞིན་མཆོད་རྟེན་ལ་རྒྱབ་བསྙེས་ཀྱིས་བཞུགས་ཏེ་གཟིགས་བསྡད་པ་དང༌།
༦༧༽ དཔལ་རྡོར་རྟ་ལས་བབས་ཏེ་ཕྱག་འཚལ་བའི་ཚུལ་དུ་གོས་ཆེན་གྱི་ཕུ་ཐུང་ནང་ནས་གཞུ་བཀུག་སྟེ་གློ་བུར་མདའ་འཕངས་པ་རྒྱལ་པོའི་དཔྲལ་བར་ཟུག
༦༨༽ “ང་བདུད་ཡ་གཞེར་ནག་པོ་ཟེར་བ་དེ་ཡིན། བསྟན་དགྲ་ཁྱོད་འདུལ་དུ་འོངས་པ་ཡིན། འགྱོད་བཤགས་གྱིས་ལ་སྨོན་ལམ་ཡག་པོ་ཐོབས་དང༌། སླད་མར་བོད་ལ་ཆོས་སྤེལ་བའི་སྐྱེས་མཆོག་ཏུ་སྐྱེའོ། །” ཞེས་གསུངས་ཏེ་བྲོས།
༦༩༽ བཙུན་མོས་སྐད་ཆེན་པོ་ཞིག་ཤོར་ནས། “མགྱོགས་པོར་བཙན་པོ་སྐྱོར་ཅིག” ཞུས། བཙན་པོས་ཕྱག་མདའ་ལ་འཇུས་ཏེ། “ང་བསད་པ་ལོ་གསུམ་གྱིས་སྔ་དྲགས་སོང༌། ཡང་ན་ལོ་གསུམ་གྱིས་ཕྱིས་དྲགས་འདུག” ཅེས་གསུངས་ནས་གྲོངས།